静静的嘛呢石

影评

6.0 年份:2005  地区:中国大陆  类型:剧情 

静静的嘛呢石影评 - འདྲ་འདྲའི་དབུས་ནས་མི་འདྲ་བ།


༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽ ཞེས་པ། རྒན་པདྨ་ཚེ་བརྟན་ལགས་ཀྱིས་ཕབ་བསྐྲུན་བྱས་པའི་གློག་བརྙན་ཐོག་མ་འདི་སྔོན་མ་ནས་ཧ་གོ་ཡང་། ཉེ་དུས་གཞི་ནས་བལྟས། གལ་ཏེ། གློག་བརྙན་འདི་ནི་གློག་བརྙན་འཁྲབ་འཁྲིད་པ་ཞིག་གི་གློག་བརྙན་ཐོག་མ་དེ་རེད་ཟེར་ན། ཁོང་ནི་དངོས་གནས་གློག་བརྙན་སྒྱུ་རྩལ་ལ་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པ་ཞིག་རེད་ཟེར་ཆོག་འདུག གློག་བརྙན་འདི་ནི་བབ་ཆགས་ཤིང་གཏིང་ཟབ་ལ། སྒྱུ་རྩལ་གྱི་ཉམས་ཤིག་ཁད་ཀྱིས་མངོན་ཡོང་། དེ་བས་དངོས་ཡོད་ལ་ཁ་ཕྱོགས་ན། གློག་བརྙན་ནང་གྲྭ་ཕྲུག་དཀྱུས་མ་ཞིག་གི་ཉིན་ཁ་ཤས་ཀྱི་འཚོ་བ་ལས། འཛམ་གླིང་གཅིག་འགྱུར་དུ་འགྲོ་བའི་འགྱུར་ལྡོག་ཁྲོད། རིག་གནས་ཤིག་གི་འཕེལ་གྲིབ་སྐོར་ཕྱིར་རྟོག་བྱས་འདུག་པས། མངོན་ཤེས་ཀྱི་སྒྲུང་ཞིག་དང་འདྲ། གློག་བརྙན་སྒྱུ་རྩལ་ཉིད་ཚོང་རྫས་དང་དྲ་ཐོག་གི་བྲིན་ཟོག་ལ་འགྱུར་བཞིན་པའི་དེ་རིང་། ཁོང་ལྟ་བུའི་འཁྲབ་ཁྲིད་པ་ནི་འདྲ་འདྲའི་དཀྱིལ་ནས་མི་འདྲ་བའི་ནོར་བུ་དེའོ།།

2024 05 14


相关推荐

本网站为非赢利性站点,本网站所有内容均来源于互联网相关站点自动搜索采集信息,相关链接已经注明来源。 PianBT电影天堂-高清电影BT种子下载- All Rights Reserved

© 2024 www.yoboku.com   

观看记录